Tuesday, September 18, 2012

鶴の恩返し・日本昔話

ལྷ་བྱ་ཁྲུང་ཁྲུང་དཀར་མོའི་སྒྲུང་གཏམ།
ཉི་འོང་གི་གནའ་སྒྲུང་ཞིག
སྒྲུང་གཏམ་འདི་ནི་ཉི་འོང་གི་དམངས་ཁྲོད་དུ་བྱུང་བའི་གནའ་སྒྲུང་དྲག་ཅན་ཞིག་ཡིན། གནའ་སྒྲུང་འདིས་འདོད་རྔམས་དང་ཧམ་སེམས་ཀྱི་ཉེས་སྐྱོན་དང་། བཀའ་དྲིན་བསམ་ཤེས་གལ་ཆེ་ཡིན་པ་བསྟན་ཡོད། འདོད་ཧམ་གྱི་བསམ་སྦྱོར་ནི་རང་གི་བདེ་སྐྱིད་ཀྱི་གཞི་རྩ་མེད་པ་བཟོ་ཡི་ཡོད། ཇི་ལྟར་དག་ཉིད་ཆེན་པོ་གྷན་དྷི་མཆོག་གིས། རང་འབྱུང་གིས་མིའི་དགོས་མཁོ་ལ་བསྟུན་ཐུབ་ཀྱང་། མིའི་འདོད་ཧམ་ལ་བསྟུན་མི་ཐུབ། གསུངས་པ་ལྟར། སྒྲུང་འདིས་ང་ཚོ་ལ་རང་གི་མི་ཚེའི་ནང་བག་ཡོད་ཆོག་ཤེས་བཀའ་དྲིན་བསམ་ཤེས་བྱེད་དགོས་པ་དང་། རྒྱུན་དུ་ནས་ཡ་རབས་སྤྱོད་བཟང་གལ་ཆེ་ཡིན་སྐོར་གྱི་བླང་དོར་བསླབ་བྱ་ཡག་པོ་ཞིག་སྟོན་གྱི་ཡོད། ཉི་འོང་སྤྱི་ཚོགས་ནང་སྒྲུང་གཏམ་འདི་བཤད་སྲོལ་མི་འདྲ་བ་ཁག་གཉིས་བྱུང་འདུག འདིར་ཕྱོགས་བསྒྲིགས་ཞུས་པ་འདི་འདོད་པ་དང་བཀྲིན་བསམ་ཤེས་ཀྱི་བླང་དོར་བསླབ་བྱ་ཡོད་པ་དེ་ཡིན། ཨརྱ་ཚེ་དབང་རྒྱལ་པོས་ཕྱོགས་བསྒྲིགས་ཞུས། ལྡི་ལི་དཔལ་འབྱོར་དཔར་བསྐྲུན་ཁང་ནས་དཔར་བསྐྲུན་ཞུས།

No comments:

Post a Comment