Thursday, December 17, 2015

Takara Geta: A Japanese Folktale


ཊ་ཀ་ར་གཱེ་ཊ  ཉི་ཧོང་གི་གནའ་སྒྲུང་ཞིག
རྩོམ་སྒྲིག་པ་ཨརྱ་ཚེ་རྒྱལ།  རི་མོ་བ། གཡུ་ཀི་མགོ་མཐོ།
ཞུ་དག་པ། ལཱོ་རེན་ཨེལ་ཌར་ཕེར་དང་སྐལ་བཟང་མཁས་འགྲུབ།
༄༅། །<<ཊ་ཀ་ར་གཱེ་ཊ་>> (འདོད་འཇོའི་ཤིང་ལྷམ་) ཞེས་པའི་སྒྲུང་འདི་ཉི་ཧོང་གི་གནའ་སྒྲུང་ཞིག་ཡིན།  སྒྲུང་འདིས་ ཆོག་ཤེས་དང་ཆོས་སེམས་ལྡན་པའི་མི་ཚེ་སྐྱེལ་རྒྱུ་གལ་ཆེ་ཡིན་པ་སྟོནགྱི་ཡོད།  འདོད་རྔམ་ནི་སྡུག་བསྔལ་གྱི་རྒྱུ་རྐྱེན་དངོས་ཡིན།  དེ་མཐོང་བའི་ཤེས་རབ་ཀྱི་མིག་སྒྲིབ་པར་བྱེད་མཁན་ནི་ཉོན་མོངས་ཡིན།  གཱེ་ཊ་ནི་ཉི་ཧོང་གི་སྲོལ་རྒྱུན་ལྡན་པའི་ཤིང་གི་ཞབས་ལྷམ་ཞིག་ཡིན། ད་ལྟའང་ཉི་ཧོང་གི་དགོན་ཁག་གི་ནང་དགེ་འདུན་པ་ཚོས་དངོས་སུ་བེད་སྤྱོད་གནང་མུས་ཡིན།  གནའ་སྒྲུང་འདིའི་ནང་གི་བུ་ཆུང་ན་གཞོན་ཞིག་ཡོད་པ་དེས་རང་གི་ཨ་མར་ཞབས་ཕྱི་ཡག་པོ་ཞུ་བཞིན་པ་དང༌།  ཕྱུག་པོ་ཆགས་རྒྱུའི་གོ་སྐབས་ཡོད་བཞིན་དུ་ཆོག་ཤེས་ཀྱི་མི་ཚེ་སྐྱེལ་གྱི་ཡོད། ཕྱོགས་གཞན་ཞིག་ལ།  མི་ཕྱུག་པོ་ཞིག་རྒྱུ་ནོར་ཕུན་སུམ་ཚོགས་པོ་ཡོད་བཞིན་དུ། ད་དུང་ཡང་འདོད་བློ་མ་ཚིམ་པ་བྱས་པའི་འབྲས་བུར་དཀའ་ངལ་བརྗོད་མི་ཤེས་པ་འཕྲད་པའི་སྐོར་ཡིན། གནའ་དུས་ཀྱི་བསླབ་བྱ་ཡག་པོ་འདི་དག་དེང་དུས་ཀྱི་གཞོན་སྐྱེས་ཚོར་ངོ་འཕྲོད་ཐབས་སུ་འདི་ནས་བོད་དབྱིན་ཤན་སྦྱར་ཐོག་བཀོད་པ་ལགས་ན་ཕྲུ་གུ་ཚོས་ངེས་པར་དུ་ཆོག་ཤེས་ཀྱི་ཡོན་ཏན་འཇགས་པ་དང་ཆབས་ཅིག་སྤྲོ་བ་འཕེལ་རྒྱུའི་རེ་སྨོན་ཞུ་བཞིན་ཡོད། །

Takara Geta: An Ancient Japanese Folktale
Written and Adapted by TG Arya
Illustrations by Yuki Goto
Edited by Lauren Alderfer and Kalsang Khedup
Takara Geta is one of the ancient Japanese folk tales about the importance of living a content and healthy spiritual life. Greed is one of  the mental afflictions which obscures our wisdom eye to see the real cause of our misery and unhappiness. Geta is a traditional Japanese wooden clog [footwear] still being used in monasteries by monks today. This story is about a devoted young man who looks after his ailing mother. He lives a content life despite the opportunity to become rich. On the other hand, there  is a rich man, whose greed blinds him to see what he already has. In an effort to pass on this ancient wisdom to a young modern audience, I have translated and adapted this Japanese folk tale into Tibetan and English. I hope children around the world will learn the positive aspect of the meaning of contentment and enjoy the book.  ISBN:81-86230-80-0 Rs.95/-


 

 

 

 

No comments:

Post a Comment